ཞལ་འདེབས།

ཚོགས་པའི་དཔལ་འབྱོར། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ལ་དམིགས་བསལ་སྦྱིན་བདག་དང་། ཚོང་ལས་སོགས་ཀྱི་རིགས་གང་ཡང་མེད་པར། མཛད་སྒོ་ཁག་གི་སྒོ་འཛིན་དང་སློབ་ཡོན་ཅུང་ཙམ་རེ་བསྡུས་པ་དེ་གཙོ་བོ་ཡིན་པ་དང་། དེ་མིན་ཞལ་འདེབས་ཕྲན་བུ་དེ་བྱུང་བ་དང་ཡུལ་མིའི་དུས་ཆེན་རེ་ཟུང་ལ་བོད་ཀྱི་ཁ་ལག་བཙོང་བ་ཙམ་ཡིན།

གལ་ཏེ་ཐུགས་འཁུར་ཆེ་བའི་རྒྱ་ཆེའི་མང་ཚོགས་ནས་ངེད་སློབ་གྲྭའི་ཆེད་དམིགས་བསལ་ཞལ་འདེབས་རིགས་ཕུལ་འདོད་ན། གཤམ་གྱི་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ།

ཁྱེད་རྣམ་པའི་ཞལ་འདེབས་ཇི་བྱུང་རྩིས་ཁྲ་ཁ་གསལ་འོག་ཏུ་འགོད་རྒྱུ།