བྷེལ་ཇམ་གྱི་སྐོར།

བྷུར་སལ་ནི་(Brussels) ནི་བྷེལ་ཇམ་གྱི་རྒྱལ་ས་རེད་། དེ་ནི་ལོ་གཅིག་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་གྲོང་ཁྱེར་ཞིག་རེད། དེའི་དབུས་སུ་ཡོ་རབ་ནང་སྙན་གྲགས་ཆེ་བའི་ལྕགས་རྡོག་རྡོག་ཞིག་ཡོད་པ་རེད། དེ་ལ་ལྟད་མོ་ལྟ་མཁན་ཡུལ་བསྐོར་བ་མང་པོ་ཡོང་གི་ཡོད་པ་རེད། རྒྱལ་སའི་གཡས་གཡོན་ན་ཡིད་དུ་འོང་བའི་སྤང་ལྗོངས་བརྒྱ་དང་ཉི་ཤུ་རྩ་ལྔ་ཙམ་ཡོད་པ་རེད། རྒྱལ་པོའི་བཞུགས་གནས་ཀྱང་ས་འདིར་ཡོད་པ་རེད། རྒྱལ་ཁབ་དེའི་ནང་ལ་མི་རིགས་མི་འདྲ་བ་བརྒྱ་དང་བརྒྱད་ཅུ་གྱ་གསུམ་ཙམ་ཡོད་པ་རེད་ལ། རྫོང་ཁག་བཅུ་དགུ་ཙམ་ཡོད་པ་རེད། སྤྱིར་བཏང་བྷེལ་ཇམ་ལ་མི་འབོར་ས་ཡ་བཅུ་གཉིས་ལྷག་(༡༢༣༡༨༨༡)ཡོད་པ་རེད། འདི་ནི་ང་གནས་སྡོད་བྱ་སའི་རྒྱལ་ཁབ་འདིའི་ལོ་རྒྱུས་མདོར་བསྡུས་ཙམ་ཞིག་ཡིན།།

བསྟན་འཛིན་ལྷུན་འགྲུབ། འཛིན་གྲྭ་བཞི་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།