ངའི་ཧྥ་རན་སིའི་སློབ་གྲྭ།

ངའི་སློབ་གྲྭའི་མིང་ལ་Ma campagne ཟེར། ང་ལ་དགེ་རྒན་མི་འདྲ་བ་དགུ་དང་སློབ་ཚན་མི་འདྲ་བ་དགུ་ཡོད། ཚོགས་ཐེངས་དང་པོ་ཨང་རྩིས། གཉིས་པ་ཧྥ་རན་སིའི་སྐད་ཡིག། གསུམ་པ་ཆོས་ལུགས་འདྲ་མིན་སྐོར། བཞི་པ་བརྡ་རྙིང་། ལྔ་པ་རི་མོ། དྲུག་པ་གཞས། བདུན་པ་ལུས་རྩལ། བརྒྱད་པ་ཚན་རིག། དགུ་པ་འཕྲུལ་རིགས་བཅས་རེད། ངའི་སློབ་གྲྭ་དེར་སྒྲིག་འཛུགས་ཀྱང་དམ་པོ་ཡོད། ཡིན་ནའང་སློབ་གྲྭ་ལ་གྲོགས་པོ་དང་གྲོགས་མོ་མང་པོ་ཡོད་ཙང་སྐྱིད་པོ་འདུག། ངའི་སློབ་ཚན་དགའ་ཤོས་ནི་ཆོས་རེད་དགེ་རྒན་དགའ་ཤོས་ཀྱི་མིང་ལ་Blanchaert ཟེར་། ང་ཚོས་ཞོགས་པ་ཚོུད་བརྒྱད་དང་སྐར་མ་ཉི་ཤུ་ལ་སློབ་ཐུན་འགོ་འཛུགས་ཀྱི་རེད་དེ་ནས་ཚོུད་གསུམ་པ་ལ་སློབ་གྲྭ་གྲོལ་གྱི་རེད། བོད་ཡིག་གལ་ཆེན་པོ་ཡིན་པ་མ་ཟད་སྐད་ཡིག་གཞན་དག་ཀྱང་གལ་ཆེན་པོ་རེད། བྱས་ཙང་། ངས་ཧྤ་རན་སིའི་སྐད་ལ་དོ་སྣང་དང་འབད་བརྩོན་མང་པོ་བྱེད་ཀྱི་ཡོད།

བསྟན་འཛིན་དབྱངས་ཅན།   བྷུ་རུ་སལ། འཛིན་གྲྭ་བདུནཔ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།