བོད་ནི་ས་ཆ་སྙིང་རྗེ་མོ་ཞིག།

བོད་ནི་ས་ཆ་སྙིང་རྗེ་མོ་ཞིག་ཡོད། རི་དང་སྤང་། རྩྭ་ཐང་མང་པོ་ཡོད། བོད་མི་དེ་ཚོ་བོད་ལ་སྡོད་ཀྱི་ཡོད། བོད་ལ་སེམས་ཅན་མང་པོ་ཡོད། དཔེར་ན། གཡག། ལུག། ཁྱི་སོགས་ཡོད། བོད་ལ་ཁ་ལག་ཀྱང་ཞིམ་པོ་དང་དམིགས་བསལ་དེ་འདྲ་ཡོད། དཔེར་ན། རྩམ་པ། ཇ། མོག་མོག་སོགས་ཡོད། བོད་ཀྱི་གྱོན་ཆས་ཀྱང་སྙིང་རྗེ་མོ་ཡོད།  བོད་ལ་ཆོལ་ཁ་གསུམ་ཡོད། དེ་རྣམས་ནི་དབུས་གཙང་། ཁམས། ཨ་མདོ་བཅས་རེད། ངའི་པཱ་ལགས་ནི་བོད་ལ་སྐྱེས་པ་རེད། ཡིན་ནའང་ངའི་པཱ་ལགས་ལོ་བཅོ་ལྔར་སླེབས་དུས་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་སླེབས་པ་རེད། ད་ཆ་ང་ཚོ་ཚང་མ་བྷེལ་ཇམ་ལ་ཡོད།

བསྟན་འཛིན་ཆོས་འཛིན།  བྷུ་རུ་སལ། འཛིན་གྲྭ་བདུན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།