ཕྱི་ཟླ་༩ པའི་ཚེས་༢ ནས་ཚེས་ ༤སྟེ་ཉིན་གསུམ་རིང་བྷེལ་ཇམ་གྲོང་ཁྱེར་Sint-Niklaas རུ་ཞི་བདེའི་དུས་ཆེན་Peace Festivalཞེས་བའི་མཛད་སྒོ་ཞིག་ལོ་ལྟར་ཚོགས་སྲོལ་ཡོད་པ་ལྟར། འདི་ལོའི་མཛད་སྒོའི་སྟེང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་ས་གནས་ཨན་ཐྲ་ཝེར་པེན་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མ་དྲུག་རེས་མོས་ཀྱིས་ཉིན་གསུམ་རིང་དང་བླངས་སྒོས་ཞལ་ལག་བཙོང་སྟེ་དཔལ་འབྱོར་མཁོ་སྒྲུབ་གནང་ཡོད་པ་དང་། ཆོས་རིག་འཛིན་སྐྱོང་ཁང་གི་དཔལ་འབྱོར་འགན་འཛིན་སྐལ་བཟང་དང་གཉེར་བ་དོན་འགྲུབ། གཉེར་བ་དབྱངས་ཅན་བཅས་ཀྱིས་ཉིན་གསུམ་རིང་མགོ་ནས་མཇུག་བར་དཔལ་འབྱོར་མཁོ་སྒྲུབ་ཐད་གོ་སྒྲིག་འགན་ཁུར་ཆ་ཚང་བཞེས་བ་དང་།








ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་དང་འགན་འཛིན་གཞོན་པ་རྡོ་རྗེ་སྐྱབས་གཉིས་ཀྱང་ཆེད་ཕེབས་ཀྱིས་གོ་སྒྲིག་ཕྱག་རོགས་གནང་ཡོད་འདུག རྩ་བའི་༢༠༡༡ ལོ་ནས་བཟུང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ཞི་བདེ་དུས་ཆེན་གྱི་མཛད་སྒོ་འདི་ལ་མཉམ་ཞུགས་གནང་སྟེ་དཔལ་འབྱོར་མཁོ་སྒྲུབ་མགོ་བཙུགས་ཡོད་འདུག་ལ། ཞི་བདེ་དུས་ཆེན་གྱི་ཉིན་གསུམ་རིང་གི་དཔལ་འབྱོར་མཁོ་སྒྲུབ་དེ་ནི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དཔལ་འབྱོར་ཡོང་འབབ་ཆེ་ཤོས་གྲས་ཀྱི་གཅིག་ཆགས་ཡོད་འདུག