༢༠༢༢ ཟླ་བ ༩ པའི་ཚེས་པ ༡༡ ཉིན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་འགོ་གསར་པ་དངོས་སུ་འགོ་འཛུགས་ཞུས་ཡོད། སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་གནས་སྟངས་རགས་ཙམ་ཞུས་ན། ༢༠༡༦ ནས་བཟུང་ད་བར་འཛིན་སྐྱོང་དང་དགེ་ལས་མང་པོས་ལྷག་བསམ་རྣམ་དག་གི་ཞབས་ཞུ་ཞུས་ཡོད་ལ།
ད་ལོར་མཚོན་ན་འཛིན་གྲྭ་རིམ་པ་བཞི་དང་དགེ་ལས་གྲངས་བདུན་གྱིས་མུ་མཐུད་དུ་སྐྱོང་བཞིན་པ་ཡིན། རླབས་ཆེ་ཞིང་གཞུང་བརྟན་པའི་ཡབ་མེས་གོང་མ་རྣམ་པས་ཚེ་སྲོག་གི་རྩ་བ་་དང་རྔུལ་ཁྲག་གིས་བསྐྲུན་པའི་དབྱངས་གསལ་སོ་བཞིའི་རྨུ་ཐག་འདི་ཉིད་མགོ་ནག་བོད་པ་ཡོངས་ཀྱི་ཚེ་སྲོག་གི་རྩ་བ་འདི་ཉིད་དར་སྤེལ་དང་རྒྱུད་འཛིན་བྱེད་རྒྱུ་ནི་ང་ཚོའི་མི་རབས་གསར་བའི་གཞོན་སྐྱེས་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཆགས་ཡོད་པར་སོང་དཀའ་ལས་བརྒྱབ་མཁན་ཡོངས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ།





