ཕྱི་༩ པའི་ཚེས་༥ ནས་བཟུང་། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ས་གནས་ཁག་དྲུག་གི་གཟའ་མཇུག་སློབ་གྲྭ་དངོས་སུ་སློབ་མགོ་ཚུགས་ཡོད་འདུག་ལ། ས་གནས་ཁག་དྲུག་གི་འགན་འཛིན་རྣམ་པས་སློབ་མ་གསར་བསྡུའི་གསལ་བསྒྲགས་སྔོན་སོང་ལྟར་སློབ་མ་གསར་བ་མང་པོ་འཛུལ་ཞུགས་མིང་ཐོ་བཀོད་ཟིན་པ་དང་། སློབ་གྲྭའི་ཉིན་ཐོག་མར་སློབ་མ་སོ་སོའི་འཛིན་ཁང་གཏན་ཁེལ་དང་སློབ་དེབ་བགོ་འགྲེམས་གནང་ཡོད་འདུག གཞན་ཡང་ཕྱི་ཟླ་༧ པ་དང་༩་པའི་ནང་ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་དང་སློབ་སྟོན་པ་ལྷག་པ་ཚེ་རིང་གཉིས་ཀྱིས་སྔོན་འགྲོའི་འཛིན་གྲྭ་དང་། འཛིན་གྲྭ་དང་པོ་དང་གཉིས་བ་བཅས་ཀྱི་དགེ་རྒན་ཚོར་ཟབ་སྦྱོང་སྤྲད་དང་སྤྲོད་མུས་ཡིན་འདུག




