༄༅།།བོད་རྒྱལ་ལོ ༢༡༤༩ བོད་ཟླ ༡༠ པའི་ཚེས ༡༧བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ནི་ཕྱི་ལོ ༢༠༡༦ ནས་བཟུང་དགེ་ལས་མང་པོའི་དཀའ་ལས་བསྐྱོན་ཐོག་མུ་མཐུད་དུ་གནས་མུས་དང་ད་ལོ་མཚོན་ན་འཛིན་གྲྭ་རིམ་པ་བཞི་དང་། དགེ་ལས་གྲངས་བདུན། སློབ་མ་གྲངས་ཉི་ཤུ་རྩ་བཞི། ཁྱིམ་ཚང་གྲངས་བཅོ་བརྒྱད་བཅས་ཡོད།


འདི་ལོའི་ཕྱི་ཟླ་དགུ་བ་ནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་རེའི་སློབ་འགོ་གསར་འཛུགས་དང་སྟབས་བསྟུན་ཕ་མའི་ཚོགས་གཙོ་གསར་པ་སྨོན་ལམ་གྲགས་པ་ལགས་ཀྱིས་དངོས་སུ་ལས་མགོ་བརྩམས་ཡོད།
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་དབུ་བཞུགས་ཐོག་ང་ཚོའི་སྐད་དང་ཡི་གེ་ཡུལ་སྲོལ་གོམ་གཤིས། རིག་གཞུང་མཐའ་དག་མི་ཉམས་རྒྱུད་འཛིན་སླད་བགྲོ་གླེང་དང་།ཕ་མའི་སྒྲིག་གཞི་བསྐྱར་བཅོས། སློབ་གྲྭར་ཁ་པར་འཛིན་ཆོག་མིན་སྐོར། དགེ་རྒན་ཐུགས་རྗེའི་ལེགས་འབུལ། དཔལ་འབྱོར་འདུ་འགོད། འཁྲབ་ཆས། ཨོ་སུ་ཏན་ཏེ་དང་མཉམ་འབྲེལ་ཐུབ་མིན། ས་གནས་ཀྱི་བྱེད་སྒོའི་སྐོར་བཅས་བགྲོ་གླེང་གནང་སོང་།
ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འཛིན་ཁང་སྐོར་ནས་ས་གནས་འགན་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས་ལ་བཀའ་འདྲི་དང་བཅས་ཕ་མའི་ཚོགས་འདུ་གྲོལ་སོང་།

ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་གསར་འགོད་པ་བསྟན་འཛིན་གཡུ་སྒྲོན་དང་བསོད་ནམས་དཔལ་འབྱོར་གཉིས་ཀྱིས་ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༡༡ ལ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།