ཕྱི་ཟླ་ ༩ པའི་ཚེས་ ༡ ནས་བཟུང་ཉིན་གསུམ་རིང་བྷེལ་ཇམ་ས་གནས་ Sint-Niklaas རུ་ཚོགས་བཞིན་པའི་འཛམ་གླིང་ཞི་བདེ་དུས་ཆེན་སྟེང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་དཔལ་འབྱོར་འདུ་འགོད་ཆེད་བོད་ཟས་སྣ་མང་བཙོང་སྟེ་དུས་ཆེན་ལ་མཉམ་ཞུགས་གནང་ཡོད་པ་དང་། ཉིན་གསུམ་རིང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་འགན་འཛིན་གཙོ་གཞོན་གཉིས་དང་དཔལ་འབྱོར་འགན་འཛིན། ཨན་ཌར་ཝེར་ཕན་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འགན་འཛིན་བཅས་གཙོས་ཉིན་རེ་ཕ་མ་དྲུག་རེས་མོས་ཀྱིས་དང་བླངས་ཞབས་ཞུ་ཧུར་ཐག་གནང་ཡོད་འདུག
རྩ་བའི་བྷེལ་ཇམ་ས་གནས་ Sint-Niklaas རུ་ལོ་ལྟར་ཚོགས་བཞིན་པའི་ཞི་བདེ་དུས་ཆེན་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་མགོ་བཙུགས་ཡོད་འདུག་ལ། ཉིན་དེར་ལྒང་ཕུག་ཚོན་ལྡན་སྣ་མང་བར་སྣང་དུ་གཏོང་བ་དང་། མི་རིགས་འདྲ་མིན་གྱིས་ཐང་ཁྲོམ་བཤམས་པ་དང་ཞལ་ཟས་སྣ་མང་བཙོང་བ། ཚོགས་སྡེ་འདྲ་མིན་གྱིས་རང་ཉིད་ཀྱི་ལས་དོན་ངོ་སྤྲོད་བྱེད་སའི་སྡིངས་ཆ་གལ་ཆེན་ཞིག་ཀྱང་ཡིན་འདུག་ལ་མི་མང་སྟོང་ཕྲག་ལྷག་འཛོམས་གི་ཡོད་འདུག་
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ ༢༠༡༣ ལོ་ནས་བཟུང་ཞི་བདེ་དུས་ཆེན་འདི་ལ་ཐོག་མར་མཉམ་ཞུགས་གནང་བ་དང་། ད་ལྟའི་ཆར་ཚོགས་པའི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཞིག་དུས་ཆེན་འདི་ཆགས་ཡོད་འདུག
གནས་ཚུལ་རྒྱས་བ་དྲ་ཐག་འདི་ན་ཡོད། དཔལ་འབྱོར་འདུ་འགོད་དང་སློབ་དུས་གསར་པ་འགོ་འཛུགས། – YouTube







