ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༠༥ ཚེས་ ༡༨ དང་ ༡༩ ཉིན་གཉིས་ཀྱི་རིང་ལ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་བཏང་ཡོད་པ་རེད།
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ལ་བྷེལ་ཇམ་ནང་བོད་མི་གནས་སྡོད་མང་ཤོས་བྱེད་སའི་གྲོང་ཁྱེར་ཨན་ཐྲུ་ཝེར་པེན་དང་བྷུ་རུ་སལ། ཨོ་སུ་ཏན་ཏེ། ལུའུ་ཝེན། སྦུ་རོའུ་རྗེ། གྷེན་ཐྲི་བཅས། ས་གནས་ཁག་དྲུག་ན་སློབ་གྲྭ་དྲུག་ཡོད་པ་དང་། ས་གནས་སོ་སོའི་སློབ་གྲྭའི་སློབ་མའི་མང་ཉུང་ལྟར་སྔོན་འགྲོ་ནས་འཛིན་རིམ་བརྒྱད་པའི་བར་གྱི་འཛིན་གྲྭ་ཡོད་པ་དང་། ས་གནས་ཁག་དྲུག་གི་སློབ་གྲྭ་སྤྱི་ཡོངས་ལ་སློབ་མ་༥༥༦ ཡོད། ལོ་ལྟར་སློབ་གྲྭར་ལོ་ཕྱེད་ཡིག་རྒྱུགས་དང་ལོ་མཇུག་ཡིག་རྒྱུགས་བཅས་ཡིག་རྒྱུགས་ཐེངས་གཉིས་རེ་གཏོང་སྲོལ་ཡོད་པ་ལྟར། ད་ཐེངས་༢༠༢༤ ལོའི་ལོ་མཇུག་རྒྱུགས་སྤྲོད་བདེ་ལེགས་ངང་གྲུབ་ཡོད་པ་རེད





