༄༅།།བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་འགོ་གསར་བའི་ཕ་མའི་ཚོགས་འདུ་དང་པོ་ ཕྱི་ལོ ༢༠༢༤ ཟླ་བ་ ༡༡ ཚེས་༡༠ ཉིན་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་དབུ་ཞུགས་ཐོག་བརྗོད་གཞི་སྙིང་དོན་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་དང་ཚགས་ཚུད་ཡོང་ཐབས་སྐོར་དང་། ཕ་མའི་སྒྲིག་གཞི་བསྐྱར་བཅོས་དགོས་མིན། འདོན་ཆའི་སྐོར། ན་ཆུང་ཚགས་པར་ཐོག་ལ་ཆ་ཤས་ལེན་སྟངས་སྐོར། འཛིན་ཁང་གཙང་མ་ཉར་སྟངས། འཁྲབ་ཆས་བཟོ་རྒྱུའི་སྐོར། སློབ་ཕྲུག་རྒན་པར་ཉམས་མྱོང་གསོག་ཆེད་དམིགས་བསལ་ལས་བགོ་སྤྲོད་སྟངས། བོད་ཀྱི་རིག་གཞུང་ཡུལ་མི་ལ་ངོ་སྤྲོད་བྱེད་ཐབས། གཞན་དམིགས་བསལ་བསམ་ཚུལ་བསྡུ་ལེན་དང་དྲི་བ་དྲིས་ལན། མཐར་ས་གནས་གསར་འགོད་པའི་བཅར་འདྲིའི་ལེ་ཚན་བཅས་མཇུག་སྒྲིལ།
འབྲེལ་ཡོད་ཡོངས་ལ་བཀའ་དྲིན་ཆེ་ཞུ།
ས་གནས་གསར་འགོད་པ། སློབ་མ་ཕུར་བུ་དོན་གྲུབ་དང་སློབ་མ་བསྟན་འཛིན་ཡིད་སྨོན་གཉིས་ཀྱིས། ཕྱི་ལོ ༢༠༢༤ ཟླ་བ་ ༡༡ ཚེས་༡༠ ལ