ཕྱི་ལོ་ ༢༠༢༤ ཟླ་༡༡ པའི་ཚེས་༡༦ ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་གྲོས་ཆོད་དགོངས་དོན་བཞིན་ལུའུ་ཝེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ལས་དོན་བྱེད་ཕྱོགས་དང་སྤྱི་ཡོངས་གནས་སྟངས་སྐོར་ངོ་སྤྲོད་གནང་བ་དང་། ཤེས་ཡོན་འགན་འཛིན་ལས་ཚབ་རྒན་ལྷག་པ་ཚེ་རིང་ལགས་ནས་སློབ་མ་ཚོས་བོད་སྐད་ཡིག་ཡར་རྒྱས་གཏོང་ཆེད་ཕ་མ་ཚོས་དོ་སྣང་དང་ཁྱིམ་ཚང་སློབ་གསོ་ཡི་གལ་ཆེན་རང་བཞིན་སྐོར་ངོ་སྤྲོད་གནང་། དེའི་རྗེས་ཕ་མ་ཚོས་སློབ་གྲྭའི་མཛད་སྒོ་གོ་སྒྲིག་གནང་ཕྱོགས་དང་ཕྲུ་གུ་ཚོའི་བོད་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་ཚུལ་དང་དྲི་བ་དྲིས་ལན་བྱས། མཐར་ལོའུ་ཝེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སྒྲིག་གཞི་བསྐྱར་ཞིབ་དང་འགན་འཛིན་གསར་རྙིང་དབར་སློབ་གྲྭའི་ཡིག་ཆ་དང་རྩིས་ཁྲ། ཀློག་དེབ་ཁག་ཅིག་བཅས་རྩིས་སྤྲོད་རྩིས་ལེན་བྱས་འདུ།








