ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན། Igbo union west flanders དང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སྦུ་རོའུ་རྗེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་གཉིས་མཉམ་འབྲེལ་ཐོག་རིག་གཞུང་ངོ་སྤྲོད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྦུ་རོའུ་རྗེ་རྫོང་དཔོན་ Brugge Burgemeester Dirk De fauw དབུ་ཞུགས་ཐོག་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་། Igbo union ངོས་ནས་ཡང་སྲོལ་རྒྱུན་གྱི་ཞབས་བྲོ། གཞན་ཕྱོགས་གཉིས་ནས་ཁ་ལག་གི་བྲོ་མྱོང་དང་ངོ་སྤྲོད། Igbo union གི་ཚོགས་མི་མི་བུ་བྱས་རྗེས་ཅན་དང་སྦུ་རོའུ་རྗེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་རྒན་རྣམ་པར་ས་གནས་རྫོང་དཔོན་བརྒྱུད་ནས་ཐུགས་རྗེའི་ལེགས་གསོལ་ཕུལ་སོང་། བྱེད་སྒོ་འདིའི་ཐོག་ལ་མཉམ་ཞུགས་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ།






