Search

སྔོན་འགྲོའི་གསལ་བསྒྲགས། ༼ཐེངས་གཉིས་པའི་ཤེས་ཡོན་ཉམས་གསོག༽

སྔོན་འགྲོའི་གསལ་བསྒྲགས།
༼ཐེངས་གཉིས་པའི་ཤེས་ཡོན་ཉམས་གསོག༽

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ ༢༠༢༤ ལོའི་རྒྱུན་ལས་ལྷན་ཚོགས་འཕར་མའི་སྐབས་ཀྱི་གྲོས་ཆོད་དགོངས་དོན་བཞིན་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སྐབས་གསུམ་པའི་མཐར་ཕྱིན་པའི་སློབ་མ་རྣམས་རྒྱ་གར་ལ་ཐེངས་གཉིས་པའི་ཤེས་ཡོན་ཉམས་གསོག་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། སློབ་གྲྭ། དགོན་སྡེ་ཁག་ངོ་སྤྲོད་དང་འབྲེལ་ ༸གོང་ས་མཆོག་གིས་དབུས་པའི་མི་རབས་རྒན་པ་དག་གིས་བོད་དོན་འཐབ་རྩོད་ཇི་ལྟར་གནང་ཡོད་པ་དང་། མ་འོངས་གཞོན་སྐྱེས་མི་རབས་རྣམས་ཀྱིས་བོད་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་མི་རིགས་ལ་འགན་ཁུར་ཇི་ལྟར་གནང་དགོས་པའི་སྐོར་ཤེས་ཡོན་ཉམས་གསོག་ཟབ་སྦྱོང་འདི་བཞིན་ ༢༠༢༥ ཟླ་བ་ ༧ པའི་ནང་ཁྲིད་འཆར་ལགས་ན། ཟབ་སྦྱོང་ལ་ཞུགས་མཁན་སློབ་མ་རྣམས་བྷེལ་ཇམ་དང་ལྡི་ལི་བར་ཕར་ཚུར་གྱི་གནམ་གྲུའི་འཛིན་བྱང་རང་ངོས་ནས་གཏོང་རྒྱུ་དང་། གཞན་འགྲོ་སོང་ཡོངས་རྫོགས་འཛིན་སྐྱོང་གི་ངོས་ནས་གཏང་རྒྱུ་ཡིན་པས། ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༤ ནང་ཚུན་དུ་ངེས་པར་དུ་ས་གནས་འགན་འཛིན་བརྒྱུད་ནས་ཐོ་འགོད་གནང་དགོས།


བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས། 2024ལོའི་ཟླ 11ཚེས 30གཟའ་སྤེན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།