Search

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ ༢༠༢༥ ལོའི་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་བཞི་པའི་ཚོགས་འདུ་ས་གནས་བྷུ་རུ་སལ་ལ་འཚོག

༢༠༢༥ ལོའི་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན། དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་གི་སློབ་ཡོན་སྤར་སོང་བ་དང་། ར་ཉག་དཔལ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་ནས་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་བོད་ཀྱི་དབྱར་གསེང་ཟབ་སྦྱོང་གི་ཕྱི་ནང་གསང་གསུམ་ལ་ཧ་ཅང་གི་མཐུན་རྐྱེན་འཛོམས་པོ་ཡོད་ཙང་། ད་ལོ་ནས་བཟུང་དབྱར་གསེང་གོ་སྒྲིག་བྱེད་མཁན་ས་གནས་ཁག་གཉིས་རེ་ནས་འགྲོ་རྒྱུར་གཏན་ཁེལ་བྱས། དབྱར་གསེང་བོད་ཀྱི་རིག་སྦྱོང་ཟབ་སྦྱོང་ཐེངས་༡༤ པའི་ལས་བྱེད་མི་སྣ་དང་ལས་འགན་ལས་བགོ་གཏན་འབེབས།


འཛུལ་ཞུགས་ཆ་རྐྱེན་ནི། འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རང་ལོ་ ༧ ཡན་དང་རྒྱལ་ཁབ་ཕྱི་ལོག་ནས་བོད་རིགས་སློབ་གྲྭ་ཁག་ནས་སློབ་མ་ཡིན་ཚེ་གྲངས་ལྔ་ལས་མ་མང་བ་དང་། གཞན་སློབ་གྲྭའི་གོ་སྐབས་མ་རག་པ་ཡོད་ཚེ། སློབ་ཕྲུག་མཉམ་ཞུགས་བྱེད་མཁན་ཡོད་ཚེ་ལོ་ ༨ ནས་ ༡༥ བར་གྱི་སློབ་ཕྲུག་ཡོང་ཆོག འོན་ཀྱང་ཕ་མ་དབྱར་གསེང་ལ་ཡོང་མི་ཆོག། དབྱར་གསེང་སློབ་མའི་འགྲོ་གྲོན་འདི་གའི་སློབ་ཕྲུག་དང་གཅིག་མཚུངས་ཡིན། ད་ལོ་མཐར་ཕྱིན་སློབ་མའི་ཤེས་ཡོན་མཉམ་གསོག་ཟབ་སྦྱོང་ལ་མཐར་ཕྱིན་སློབ་མ་རྒྱ་གར་ལ་འཁྲིད་ནས་འགྲོ་དགོས་པའི་རྐྱེན་གྱི་ལས་མི་མ་འདང་བའི་ཆ་ནས་རྒན་རྡོ་རྗེ་སྐྱབས་ལགས་ལ་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་བཞི་པའི་སྤྱིའི་འགན་ཁུར་བ་བསྐོ་བཞག་བྱས།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས། ཕྱི་ལོ་ ༢༠༢༥།༠༥།༡༡ལ

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།