Search

འཛིན་གྲྭ་བརྒྱད་པའི་སློ་མ་རྣམས་ས་གནས་ཨེན་ཐྲིར་པན་འཇམ་དབྱངས་བློ་འཕེལ་སློབ་གྲྭར་བསྐོར་བསྐྱོད་དུ་ཕྱིན

2025 ལོའི་སྤྱི་ཟླ་5 པའི་ཚེས་24 ཉིན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ས་གནས་ཨོ་སི་ཏན་ཏུ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འཛིན་གྲྭ་བརྒྱད་པའི་སློ་མ་རྣམས་ས་གནས་ཨེན་ཐྲིར་པན་འཇམ་དབྱངས་བློ་འཕེལ་སློབ་གྲྭར་བསྐོར་བསྐྱོད་དུ་ཕྱིན། དེར་སྤྱི་ཁྱབས་འགན་འཛིན་འཇིགས་མེད་ལགས་དབུ་བཞུགས་ཐོག་ས་གནས་ཨེན་ཐྲིར་པན་གྱི་འགན་འཛིན་གསུང་རབས་ལགས་དང་རྡོ་རྗེ་སྐྱབས་ལགས། ས་གནས་ཨོ་སི་ཏེན་ཏེའི་འགན་འཛིན་མཁའ་འགྲོ་ལགས། གཞན་ས་གནས་ཨོ་སི་ཏེན་ཏེའི་འཛིན་གྲྭ་བརྒྱད་པའི་དགེ་རྒན་ཕུན་ཚོགས་དབྱངས་ཅན་ལགས་དང་ས་གནས་ཨེན་ཐྲིར་པན་གྱི་དགེ་སློབ་རྣམ་པ་བཅས་མཉམ་ཞུགས་བྱས། བྱ་འགུལ་འདི་ནི་འཛིན་གྲྭ་བརྒྱད་པའི་མཐར་ཕྱིན་སློབ་མ་ཚོའི་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་བྱེད་པར་ཕན་ཐོགས་ཡོང་བའི་ཆེད་དུ་དམིགས་ནས་སྤེལ་བ་ཞིག་ཡིན།

ཞོགས་པའི་ཆུ་ཚོད་8:45 ཡི་སྟེང་། ས་གནས་ཁག་གཉིས་ཀྱི་དགེ་སློབ་ཡོངས་མཉམ་འཛོམས་ཀྱིས་རང་རེའི་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བླངས་པ་དང་༧གོང་ས་མཆོག་གི་སྐུ་ཚེའི་ཞབས་པད་བརྟན་པའི་གསོལ་བ་སྨོན་ལམ་བཏབས། ཆུ་ཚོད་9:15 སྟེང་ཨོ་སི་ཏེན་ཏེའི་སློབ་མ་རྣམས་ས་གནས་དེའི་འཛིན་གྲྭ་ཁག་ཏུ་རྒན་ལགས་རྣམ་གྱི་སློབ་ཁྲིད་བྱེད་ཕྱོགས་ཀྱི་ཐབས་ལམ་ལ་རྒྱུས་ལོན་བྱེད་དུ་ཕྱིན། དེའི་རྗེས་སུ་རྒན་ཕུན་ཚོགས་དབྱངས་ཅན་ལགས་ཀྱི་སྣེ་ཁྲིད་འོག་ས་གནས་ཁག་གཉིས་ཀྱི་སློབ་མ་རྒན་པ་རྣམས་ཀྱིས་ཕན་ཚུན་རང་ཉིད་ངོ་སྤྲོད་བྱས་བ་དང། བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་གྱི་དྲི་བ་དྲི་ལེན་བྱས།

གསོལ་ཇའི་བར་གསེང་རྗེས་ཀྱི་ 11:15 ཐོག་སྤྱི་ཁྱབས་འགན་འཛིན་འཇིགས་མེད་ལགས་ཀྱིས་སྐབས་དང་པོའི་ཤེས་ཡོན་ཉམས་གསོག་གི་གནས་སྟངས་དང་གལ་ཆེའི་རང་བཞིན་མདོར་བསྡུས་ཞིག་ངོ་སྤྲོད་བྱས་པ་མཟད། བསྐྱོད་སྐབས་ཀྱི་བརྙན་འཕྲིན་ཁག་མ་འདྲ་བ་གཉིས་ཁོང་ཚོར་སྤྱན་འབུལ་ཞུ།
དེ་བཞིན་ས་གནས་འགན་འཛིན་ཐུབ་བསྟན་གསུང་རབས་ལགས་དང་རྒན་རྡོ་རྗེ་སྐྱབས་ལགས་གཉིས་ཀྱིས་བསྐོར་བསྐྱོད་སྐབས་ཀྱི་སྒྲིག་གཞི་དང་འབྲེལ་གལ་གནད་ཁག་ཅིག་ངོ་སྤྲོད་ཞུས། དེ་ལྟར་སློབ་ཕྲུག་ཚོའི་དོགས་གཞིའི་དྲི་བར་དྲིས་ལན་དང་བཅས་ཉིན་གུང་རྒྱབ་ཀྱི་13:15 སྟེང་ཐེངས་འདིའི་བསྐོར་བསྐྱོད་བདེ་ལེགས་ངང་མཇུག་བསྡུས།།
བྷེལ་ཇམ་བིད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།