སེམས་ཀྱི་ཉི་ཟླ།

དྲིན་ཕ་མ་སེམས་ཀྱི་ཉི་ཟླ་འདྲ།།

ནང་ཕུ་ནུ་ནམ་མཁའི་སྐར་ཚོགས་འདྲ།།

གྲོགས་གྲོགས་མོ་སྤང་གི་མེ་ཏོག་འདྲ།།

མོ་ང་ནི་ཀུན་གྱི་གཅེས་ནོར་འདྲ།།

ཚེ་གཅིག་གི་མི་ལུས་ཐོབ་པ་འདི།།

དྲིན་ཕ་མས་དྲིན་གྱིས་བསྐྱངས་པས་ཡིན།།

ནང་ཕུ་ནུའི་རོགས་འདེགས་ཡོད་པས་ཡིན།། གྲོགས་གྲོགས་མོས་སྐུལ་ལྕག་གནང་པས་ཡིན།། སེམས་བསམ་པའི་ཀློང་གི་བཀའ་དྲིན་ཡིན།

བསྟན་འཛིན་ཀུན་བཟང་།  ཨོ་སུ་ཏན་ཏེ། འཛིན་གྲྭ་དྲུག་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།