ངའི་ཕ་ཡུལ་བོད།

ངའི་ཕ་ཡུལ་ལ་མིང་མང་པོ་ཡོད་རེད་དཔེར་ན་་གངས་ལྗོངས། བོད་ལྗོངས། ཁ་བའི་ལྗོངས་སོགས་ད་དུང་མང་པོ་ཡོད། ང་ཚོའི་བོད་ལ་ཆོལ་ཁ་གསུམ་ཡོད་དེ་དག་ནི་དབུས་གཙང་། ཨ་མདོ། ཁམས་པ་བཅས་རེད་ང་རང་ནི་བོད་ཨ་མདོའི་ཕྱོགས་ནས་ཡིན། ང་ཚོའི་ཕ་ཡུལ་ལ་གངས་རི་དང་མཚོ་མང་པོ་ཡོད་སྔོན་མ་ཡིན་ན་སྤང་ལྗོངས་ལྗང་ཐིང་ཐིང་ཡིན་པ་དང་། དེང་སང་རྒྱ་མིས་སྤང་ལྗོངས་ཚང་མ་ཁང་པ་དང་ཚོང་ཁང་བཟོས་འདུག ང་ཚོའི་ཕ་ཡུལ་ལ་སྔོན་མ་འབྲོག་པ་མང་པོ་ཡོད་པ་མ་ཟད་ཁོང་ཚོ་ལ་གཡག་དང་འབྲི་ཡང་མང་པོ་ཡོད། ཡིན་ནའང་དེང་སང་གཡག་གཅིག་མཐོང་རྒྱུ་དཀའ་ལས་ཁག་པོ་འདུག། ངའི་སྤོ་པོ་དང་རྨོ་མོ་ཚང་མ་བོད་ལ་ཡོད། ངས་ཁོང་ཚོ་ཧ་ཅང་དྲན་གྱི་འདུག ང་ཚོའི་ཕ་ཡུལ་བོད་ལ་ལྷད་མེད་པའི་ཟས་རིགས་ཀྱང་མང་པོ་ཡོད། དཔེར་ན་རྩམ་པ། མར། ཞོ། འོ་མ། མཐེན་ཐུག། སོགས་ཡོད།   

བསྟན་འཛིན་ཆོས་སྐྱིད བྷུ་རུ་སལ། འཛིན་གྲྭ་བདུན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།