ང་དང་ངའི་ནང་མི།

ངའི་མིང་ལ་བསྟན་འཛིན་ནོར་སྒྲོན་ཟེར་གྱི་ཡོད། ངའི་ཨ་མའི་མིང་ལ་བསོད་ནམས་མཚོ་ཟེར། ངའི་ཨ་ཕའི་མིང་ལ་དགེ་འདུན་བཀྲ་ཤིས་ཟེར། ངའི་ནུ་བོ་ཡི་མིང་ལ་བསྟན་འཛིན་བློ་དཀར་ཟེར། ང་རང་ལོ་བཅུ་ཡིན། ངའི་ནུ་བོ་ལོ་བདུན་རེད། ང་ཚོའི་ནང་མིའི་མིང་ལ་ཨ་འབར་ཚང་ཟེར། ང་ཚོའི་སྲང་ལམ་ནི་ wittencnnen ཡིན། ང་བྷེལ་ཇམ་ལ་སྐྱེས་པ་རེད། ང་རང་ལུས་རྩལ་རྩེ་རྒྱུར་དགའ་པོ་ཡོད། ངའི་ཨ་ཕ་ནི་གསར་འགྱུར་ལ་ལྟ་རྒྱུར་དགའ་པོ་ཡོད་རེད། ངའི་ཨ་མ་ནང་ཆོས་སློབ་སྦྱོང་བྱེད་རྒྱུར་དགའ་པོ་ཡོད་རེད། ངའི་ནུ་བོ་ཞབས་བྲོ་འཁྲབ་པ་ལ་དགའ་པོ་ཡོད་རེད། མ་འོངས་པར་ང་ནི་སྨན་པ་ཞིག་ཆགས་འདོད་ཡོད། གང་ཡིན་ཟེར་ན། ངས་མི་གཞན་གྱི་ཚེ་སྲོག་སྐྱོབས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག  ཨ་འབར་ནོར་སྒྲོན། ཨོ་སུ་ཏན་ཏེ། འཛིན་གྲྭ་གཉིས་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།