སོ་སོས་དམིགས་ཡུལ་བཟུང་ནས་འཕུར། སོ་སོའི་མི་ཚེ་སྐྱིད་པོ་བཏང་ནས་འཕུར། དཀའ་ལས་མང་པོ་བརྒྱབ་ནས་འཕུར། སེམས་ཤུགས་མ་ཆགས་ནས་འཕུར། མར་ཟགས་ནའང་ཡང་སྐྱར་མགོ་བཀྱག་སྟེ་འཕུར། ནང་མི་མཉམ་དུ་བཅངས་ནས་འཕུར། ཕ་ཡུལ་གངས་ལྗོངས་སྐོར་བར་འཕུར།
བོད་ཆོལ་ཁ་གསུམ་ཡག་པོ་ཟིན་ནས་འཕུར། འཕུར་དུས་མ་ཟགས་པའི་ཆེད་དུ་གཟབ་གཟབ་བྱས་ནས་འཕུར། འཕུར་མཐོན་པོའི་བྲག་ལ་འཕུར། ནམ་མཁའི་དབྱིངས་སུ་འཕུར། མི་རིགས་ཀྱི་ཆེད་དུ་འཕུར། འཕུར། །
བསྟན་འཛིན་ཆོས་སྒྲོན། བྷུ་རུ་སལ། འཛིན་གྲྭ་བདུན་པ།