༢༠༢༣ ལོ་མཇུག་ཡིག་རྒྱུགས།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ཀྱིས་སྟངས་འཛིན་ཐོག་ཕྱི་ལོ ༢༠༢༣ ཟླ་བ ༠༥ ཚེས ༢༠ རེས་གཟའ་སྤེན་པའི་ཉིན་ཨན་ཐྲུ་ཝེར་པེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་མཇུག་ཡིག་རྒྱུགས་སྐབས་རྒྱུགས་དཔང་རྡོ་རྗེ་སྐྱབས་ལགས་དང་སྐལ་བཟང་རྒྱལ་ལགས།
ཟླ་བ ༠༥ ཚེས ༢༡ རེས་གཟའ་ཉི་མའི་ཉིན་བྷུ་རུ་སལ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་མཇུག་ཡིག་རྒྱུགས་སྐབས་རྒྱུགས་དཔང་སྐལ་བཟང་ལགས་དང་དོན་གྲུབ་ལགས། ཨོ་སེ་ཏན་ཏེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་མཇུག་ཡིག་རྒྱུགས་སྐབས་རྒྱུགས་དཔང་རྒན་ལྷག་པ་ཚེ་རིང་ལགས་དང་རྡོ་རྗེ་སྐྱབས་ལགས།
ལུའུ་ཝེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་མཇུག་ཡིག་རྒྱུགས་སྐབས་རྒྱུགས་དཔང་འཇིགས་མེད་ལགས་དང་གསུང་རབ་ལགས།
སྦུ་རོའི་རྗེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་མཇུག་ཡིག་རྒྱུགས་སྐབས་རྒྱུགས་དཔང་བསོད་ནམས་ཉི་མ་ལགས་དང་བསོད་ནམས་མཚོ་ལགས་།
གྷེན་ཐྲུ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་མཇུག་ཡིག་རྒྱུགས་སྐབས་རྒྱུགས་དཔང་ཚེ་བརྟན་ལགས་དང་ངག་དབང་དཔལ་ལྡན་ལགས་བཅས་ཆེད་ཕེབས་ཐོག་ས་གནས་སོ་སོའི་ས་གནས་འགན་འཛིན་དང་དགེ་རྒན་རྣམ་པ། ཕ་མའི་ཚོགས་གཙོ། ཚོགས་གཞོན་བཅས་ཀྱིས་ལོ་མཇུག་ཡིག་རྒྱུགས་ཀྱི་ཞིབ་བཤེར་ཚགས་ཚུད་དང་གྲུབ་འབྲས་ལེགས་པར་གྲུབ་སོང་། དུས་རྟག་ཏུ་ཐུགས་ཁུར་དང་རོགས་རམ་གནང་བའི་ཕ་མ་རྣམ་པ། བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་ལྷོད་མེད་གནང་བའི་སློབ་ཕྲུག་རྣམ་པ་བཅས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་འོངས་པར་ཤེས་རིག་གི་ལོ་འདབ་རྒྱས་ཞིང་། ཐུན་མིན་བོད་ཀྱི་རིག་གཞུང་མཐའ་དག་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་པའི་རེ་བ་དང་སྨོན་འདུན་སྙིང་དབུས་ནས་ཞུ

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།