དེ་རིང་ཕྱི་ཟླ་༥ པའི་ཚེས་༡༢ ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་ལོའུ་ཝེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ་དེ་བཞིན་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་དང་ལོའུ་ཝེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འགན་འཛིན་བསྟན་འཛིན་ལགས་གཉིས་དབུ་བཞུགས་ཐོག་ཚོགས་ཡོད་པ་དང་། ཚོགས་འདུའི་སྟེང་ཕ་མའི་ཚོགས་གཙོ་དང་ཚོགས་གཞོན་གཉིས་གཙོས་ཕ་མ་ཚོས་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་དང་དགེ་རྒན་གྱི་དཀའ་ངལ་སེལ་ཐབས་སྐོར་གྲོས་བསྡུར་ལྷུག་པོ་བྱུང་བ་དང་། དམིགས་བསལ་ཚོགས་ཐོག་ཏུ་མི་ལོ་བཅུ་གྲངས་རིང་འགན་འཛིན་ལས་ཁུར་ཞུས་མྱོང་བ་བསྟན་འཛིན་ལགས་ཀྱིས་དགོངས་ཞུ་གནང་བར་བརྟེན་ས་དཀར་བཀྲ་ཤིས་ས་གནས་འགན་འཛིན་གསར་བར་སྤྱི་མོས་བདམས་ཐོན་བྱུང་། གཞན་ཡང་ཕ་མའི་ཚོགས་གཙོ་དང་ཚོགས་གཞོན་གསར་བ་དེ་བཞིན་བཀྲ་ཤིས་ལྷ་མོ་དང་དགེ་འདུན་གཉིས་བདམས་ཐོན་བྱུང་ཡོད་པ་བཅས་ས་གནས་ཀྱི་གསར་འགྱུར་སྙིང་བསྡུས་སུ






