ང་ཚོ་བོད་ཕྲུག་ཚོ།

ང་རང་ཚོ་ད་ལྟའི་དུས་ཚོད་འདི་ལ་རང་ཉིད་ཀྱི་སྐད་ཡིག་ལ་དོ་སྣང་བྱས་ནས་ཤུགས་རྒྱབ་རྒྱུའི་དུས་ཚོད་རེད། ང་རང་ཚོ་ལ་ལས་འགན་གཅིག་ཡོད་རེད། ལས་འགན་དེ་ནི་ང་ཚོས་བོད་པའི་སྐད་ཡིག་ལ་བདག་པོ་རྒྱག་རྒྱུའི་ལས་འགན་དེ་རེད། ང་རང་ཚོས་བོད་ཡིག་སྦྱངས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ཅི་ཡིན་ཟེར་ན་རྗེས་མ་ང་རང་ཚོས་བོད་ཕྲུག་གཞོན་སྐྱེས་རྣམས་ལ་བོད་ཡིག་སློབ་དགོས་རེད།  མ་ཟད་བོད་སྐད་ཀྱང་གཙང་མ་རྒྱག་རྒྱུ་གལ་ཆེན་པོ་རེད། ང་རང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་སྐད་དང་བོད་ཡིག་མ་ཤེས་ན་ངོ་ཚ་བོ་རེད་ལ་ཞབས་འདྲེན་ཡང་རེད། བོད་ཕྲུག་ཚོ་བོད་ཡིག་དང་བོད་སྐད་ལ་དོ་སྣང་གནང་ནས་གཅེས་པར་འཛིན་རོགས་གནོངས།

བསྟན་འཛིན་རྣམ་སྒྲོན། བྷུ་རུ་སལ། འཛིན་གྲྭ་བདུན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།