ཕ་མ་གཉིས་ཀྱི་བརྩེ་དུང་།

ཉིན་ལྟར་ང་དང་ངའི་གཅུང་པོ་གཉིད་སད་སྐབས། དང་པོ་ངའི་ཨ་མ་ལགས་ཡར་བཞེངས་ནས་སོ་སོའི་བཞིན་རས་དང་སོ་འཁྲུད་ཀྱི་རེད། དེའི་རྗེས་ལ་ཡོན་ཆབ་ཕུལ་གྱི་ཡོད་པ་རེད། ད་དུང་ཞོགས་ཇ་བཟོ་དགོས་པ་དེ་ལ་དུས་ཚོད་ཀྱིས་འདང་གི་མེད་པས་ཧུར་ཐག་བྱས་ནས་ཞོགས་ཇ་གང་ལ་གང་འཚམ་བཟས་ནས་ང་ཚོ་སློབ་གྲྭ་རུ་གཏོང་གི་ཡོད།   ངའི་ཨ་མ་ལགས་ནི་ལས་ཀ་ཆུ་ཚོད་མང་པོ་བྱས་ནས་ནང་དུ་སླེབས་དུས་ཡང་དགོང་མོའི་ཁ་ལག་བཟོ་དགོས། དཀའ་ལས་ག་ཚོད་ཡོད་ན་ཡང་མུ་མཐུད་ནས་ཁ་ལག་སྣ་ཁ་མང་པོ་བཟོ་མཁན་ཞིག་ཡིན། ང་འཛིན་གྲྭ་བཅུ་གཉིས་པ་ཡིན་ཙང་སློབ་གྲྭའི་ནང་ལས་མང་པོ་ཡོད་སྟབས། ཨ་མ་ལགས་ལ་རོགས་པ་བྱེད་རྒྱུའི་དུས་ཚོད་མང་པོ་རག་གི་མི་འདུག  །ངའི་པ་ལགས་ནི་ལས་ཀའི་རྐྱེན་གྱིས་ནང་ལ་སྡོད་པའི་གོ་སྐབས་མེད་ཙང་ངེད་གཉིས་རྒྱུན་དུ་ཕན་ཚུན་མང་པོ་མི་ཐུག་ཀྱང་ཁོང་གིས་ངའི་སློབ་སྦྱོང་སྐོར་ལ་དོ་སྣང་ཆེན་པོ་སྤྲོད་པ་མ་ཟད། མི་ཚེ་དང་གྲོགས་མོའི་སྐོར་གྱི་བསླབ་བྱ་ཡང་མང་པོ་རྒྱག་གི་རེད། ངའི་ཕ་མ་གཉིས་ཀྱིས་ང་དང་ངའི་གཅུང་པོའི་ཆེད་དུ་དཀའ་ལས་གང་མང་མྱོང་གིན་འདུག  དེ་འདྲ་སོང་ཙང་ངས་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་སོང།

བསྟན་འཛིན་བདེ་ཆེན། ཨན་ཐྲུ་ཝེར་པེན། འཛིན་གྲྭ་བདུན་པའི་སློབ་མ་ ༥༩

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།