རང་ཉིད་ངོ་སྤྲོད།

ངའི་མིང་ལ་བསྟན་འཛིན་དབང་མོ་ཟེར་གྱི་ཡོད། ང་ལོ་བཅུ་ཡིན། ང་རང་གནས་ཡུལ་གྱི་སློབ་གྲྭའི་ནང་འཛིན་གྲྭ་ལྔ་པ་ཡིན། ང་རང་བོད་ཡིག་སྦྱོང་རྒྱུར་ཧ་ཅང་གི་དགའ་པོ་ཡོད། གང་ཡིན་ཟེར་ན་གཅིག་ནས་ང་རང་བོད་མི་ཞིག་ཡིན་པ་དང་གཉིས་ནས་བོད་ཡིག་ནི་ང་ཚོའི་བླ་སྲོག་ནང་བཞིན་རེད། ང་རང་གཟའ་ཉི་མ་རྟག་པར་བོད་ཡིག་སློབ་གྲྭར་འགྲོ་ཡི་ཡོད། ངའི་འཛིན་གྲྭའི་ནང་སློབ་གྲོགས་བཅུ་གཉིས་ཡོད། ང་ཚོ་འཛིན་གྲྭ་གཉིས་པའི་ཁ་པ་རེད།

ངའི་གྲོགས་མོ་ཡག་ཤོས་ནི་ནོར་སྒྲོན་ཡིན། ངའི་ཨ་མ་ལགས་ཀྱི་མིང་ལ་ལྷ་མཛེས་ཟེར་གྱི་ཡོད། ཁོང་རྒྱ་གར་ལ་སྐྱེས་ལ་པ་རེད། ངའི་པ་ལགས་ཀྱི་མིང་ལ་བྱམས་པ་འཕྲིན་ལས་ཟེར། ཁོང་བོད་ལ་སྐྱེས་པ་རེད། ང་རང་རྒྱ་གར་ལ་སྐྱེས་པ་རེད། ང་རང་བྷེལ་འཇམ་ལ་སླ྄ེབས་ནས་ལོ་བརྒྱད་ཕྱིན་སོང་། ངའི་སྐྱེས་སྐར་ནི་སྤྱི་ཟླ་དྲུག་པའི་ཚེས་གསུམ་ལ་རེད།         

བསྟན་འཛིན་དབང་མོ། བྷུ་རུ་སལ། འཛིན་གྲྭ་གཉིས་པ་ཁ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།