ཕ་ཡུལ་དུ་བསྐྱོད་པའི་ཚོར་སྣང་།

ཕྱི་ལོ་ ༢༠༡༩ པའི་ཟླ་ ༧་པའི་ཚེས་ ༢༠ ཉིན་ང་ཚོ་ནང་མི་གསུམ་པོ་བྷེལ་ཇམ་ནས་ཕ་ཡུལ་བོད་རྒན་ཀྱ་ཕྱོགས་སུ་སོང་བ་ཡིན།   ང་ཚོ་གནམ་གྲུ་ནས་མར་འབབ་དུས་ངའི་ཨ་ཕའི་ཕྱོགས་ཀྱི་གཉེན་ཉེ་ཁ་ཤས་སླེབས་འདུག ཁོ་ཚོས་མི་རེ་རེའི་ལག་ཏུ་ཁ་བཏགས་བཟུང་ནས་ང་ཚོ་ལ་བསུ་མ་བྱེད་དུ་ཡོང་ནས་གནམ་ཐང་ཕྱི་ལོགས་སུ་བསྒུགས་ནས་བསྡད་འདུག  ཁོ་ཚོས་ང་ཚོ་མཐོང་བ་དང་སེམས་པ་དགའ་ནས་ང་ཚོ་ལ་ཁ་བཏགས་གཡོགས་པ་དང་མཉམ་དུ་པར་ཡང་བརྒྱབ་པ་ཡིན།  སྐབས་དེར་མཚན་གུང་གི་ཆུ་ཚོད་བཅུ་གཉིས་ཡིན་སྟབས་མགྲོན་ཁང་ཞིག་གི་ནང་དུ་བསྡད་པ་ཡིན། དེའི་སང་ཉིན་ཞོགས་པ་སྔ་པོ་རླངས་འཁོར་ལ་བསྡད་ནས་པ་ལགས་ཀྱི་ཕ་ཡུལ་ལ་ཕྱིན་པ་ཡིན། ལམ་བར་དུ་བྲག་རི་ཆེན་པོ་གནམ་གྱི་ཀ་བ་ལྟ་བུ་དང་རྩྭ་ཐང་སྟེང་མེ་ཏོག་མང་པོ་བཞད་འདུག་པ་མ་ཟད་རྟ་དང་ནོར་ལུག་གསུམ་གྱིས་ཀྱང་རྩྭ་ཐང་ཡོངས་སུ་ཁེངས་འདུག  འདི་དག་མཐོང་མ་ཐག་སེམས་ལ་སྨྲ་མི་ཤེས་པའི་སྤྲོ་སྣང་དང་བདེ་སྣང་ཞིག་བྱུང་།  ཨ་ཕའི་ཡུལ་ལ་མ་ཐོན་པའི་ལམ་བར་གྱི་རྩྭ་ཐང་སྟེང་དུ་ཨ་ཕ་དང་ཨ་མ་གཉིས་ཀྱི་ཡུལ་ཕྱོགས་ནས་ནང་མི་དང་སྡེ་བའི་རྒན་གཞོན་ཚང་མ་ང་ཚོ་བསུ་རུ་སླེབས།      ཁོ་ཚོ་ནི་གཤིས་རྒྱུད་འཇམ་པ་མ་ཟད་གདོང་ལ་འཛུམ་གྱིས་ཁེངས་འདུག  ཚུལ་དེས་ང་ལ་ཕ་ཡུལ་གྱི་མི་རྣམས་ནི་གཤིས་རྒྱུད་བཟང་ཞིང་སེམས་རྒྱ་ཡངས་པ་ཡིན་པའི་ཚོར་བ་སྤྲད་སོང་།     

བསྟན་འཛིན་ཐེག་མཆོག

ཨན་ཐྲུ་ཝེར་པེན།

འཛིན་གྲྭ་བདུན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།