རྒྱ་གར་གྱི་བོད་པའི་སློབ་གྲྭ།

༄།། རྒྱ་གར་ལ་ཡོད་པའི་བོད་ཕྲུག་ཚང་མ་བོད་པའི་སློབ་གྲྭར་འགྲོ་གི་ཡོད།   ང་ནི་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན། ང་ཚོའི་སློབ་གྲྭ་ལ་སློབ་ཕྲུག་དང་དགེ་རྒན་ཧ་ཅང་མང་པོ་ཡོད། ད་དུང་ཁྱིམ་ཚང་གི་པ་ལགས་དང་ཨ་མ་ལགས། སྨན་པ། མ་བྱན་སོགས་མང་པོ་ཡོད། གཟའ་ཟླ་བ་ནས་གཟའ་སྤེན་པའི་བར་འཛིན་གྲྭ་འཚོག་གི་ཡོད། དམིགས་བསལ་དུ་གཟའ་ལྷག་པའི་ཉིན་ང་ཚོ་ཞོགས་པ་སྔ་པོ་ཡར་ལངས་ནས་རྩམ་པ་ཟ་བ་དང་ཕྱུ་པ་གྱོན་ནས་འཛིན་གྲྭར་འགྲོ་གི་ཡོད། ང་ཚོ་ལ་སློབ་ཚན་བཅུ་ལྷག་ཡོད། དེའི་ནང་ནས་ང་རང་ཨང་རྩིས་ལ་དགའ་ཤོས་ཡིན། འཛིན་གྲྭ་གྲོལ་བ་དང་སློབ་ཕྲུག་ཚོ་ཁྱིམ་ཚང་ནང་ལ་ལོག་ན་མི་རེ་རེ་ལ་ལས་འགན་རེ་ཡོད། སློབ་ཕྲུག་ཆུང་བ་ཚོས་ཁྱིམ་ཚང་གཙང་མ་བཟོ་བ་དང་རྒན་པ་ཚོས་ཁ་ལག་བཟོ་དགོས། དགོང་མོ་ཁ་ལག་མ་བཟས་སྔོན་ལ་སློབ་ཕྲུག་ཚང་མས་ཞལ་འདོན་སྐྱོར་དགོས།      ཁ་ལག་བཟས་རྗེས་ཕྲུ་གུ་ཆུང་བ་ཚོ་ཉལ་བ་དང་རྒན་པ་ཚོས་ནང་སྦྱོང་བྱེད་དགོས།   ང་ཚོ་བོད་པ་ཚོར་༧གོང་ས་མཆོག་གི་བཀའ་དྲིན་གྱིས་བོད་མི་ཚོ་ལ་སློབ་སྦྱོང་བྱེད་བའི་གོ་སྐབས་འདི་འདྲ་ཞིག་རག་པ་རེད།       དེར་བརྟེན་ང་ཚོ་བོད་པའི་སློབ་ཕྲུག་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས།

བསྟན་འཛིན་སྒྲོལ་མ་ཆེ་བ། ཨན་ཐྲུ་ཝེར་པེན། འཛིན་གྲྭ་བདུན་པའི་སློབ་མ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།