འཇམ་དབྱངས་བློ་འཕེལ་སློབ་གྲྭའི་༢༠༢༢ ལོའི་ལོ་མཇུག་རྒྱུགས་སྤྲོད།

ཕྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༡༤ དང་ ༡༥ ཉིན་གཉིས་ཀྱི་རིང་ལ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་༢༠༢༢ ལོའི་ལོ་མཇུག་རྒྱུགས་སྤྲོད་བཏང་ཡོད་པ་རེད། བྷེལ་ཇམ་ནང་གི་བོད་མི་ཡོད་སའི་གྲོང་ཁྱེར་ཆེ་ཁག་དྲུག་གི་ནང་ལ། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་གཟའ་མཇུག་སློབ་གྲྭ་ཁག་དྲུག་བཙུགས་ཡོད་པ་རེད། སློབ་གྲྭ་དེ་ཚང་མའི་སྤྱིའི་མིང་ལ་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ཞེས་མིང་བྱང་གནང་ཡོད། སློབ་གྲྭ་རེ་རེའི་ནང་ལ་འཛིན་གྲྭ་མང་ཤོས་ལ་བཅུ་དང་། ཉུང་ཤོས་ལ་བཞི་ཡོད། ཚང་མ་བསྡོམས་ན། འཇམ་དབྱངས་བློ་འཕེལ་སློབ་གྲྭར་འཛིན་གྲྭ་༤༠ དང་། སློབ་མ་ཁྱོན་བསྡོམས་ ༣༧༢ ཡོད། དེ་ཚང་མར་ལོ་ལྟར་ཕྱི་ཟླ་༡༢ པའི་ནང་ལོ་ཕྱེད་ཡིག་རྒྱུགས་གཅིག་དང་། ཕྱི་ཟླ་ ༥ པའི་ནང་ལོ་མཇུག་ཡིག་གཅིག་བཅས། ཡིག་རྒྱུགས་ཐེངས་གཉིས་རེ་གཏོང་གི་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།