༄༅།།དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་གཅིག་པ།

དུས་ཚོད། ༢༠༢༢ ཟླ་༧ ཚེས་༤ ནས་ ༡༡ བར།
ས་གནས། རྫོགས་ཆེན་འོག་མིན་ཆོས་ཀྱི་གྲོང་ཁྱེར།

ཁྱེད་རང་གིས་བུ་ཕྲུག་གཅེས་ན་དབྱར་གསེང་ལ་ཐོངས།
དབྱར་གསེང་། དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ནི་བྷེལ་ཇམ་དུ་གནས་སྡོད་བོད་མི་སྐྱབས་བཅོལ་བའི་བྱིས་པ། འཇམ་དབྱ྄ངས་བློ་འཕེལ་སློབ་གྲྭའི་སློབ་མ་རྣ྄མས་ལ་བོད་ཀྱི་རིག་གནས་ཟབ་སྦྱོང་སྤྲོད་པའི་ལས་རིམ་ཞིག་ཡིན།

དམིགས་ཡུལ། ཁ་འཐོར་དུ་ཡོད་པའི་བོད་རིགས་ན་གཞོན་དེ་རྣམས་མཉམ་འཛོམས་དང་ངོ་ཤེས། མཐུན་འབྲེལ། མཛའ་མཐུན་ཡོང་ཐབས་དང་། གནས་ཡུལ་ལུང་པའི་སྤྱི་ཚོགས་སུ་མཉམ་གནས་དང་བཟང་སྤྱོད་སློབ་གསོ་ཡང་སྤྲོད་ཀྱི་ཡོད་ལ། དབྱར་གསེང་སྐབས་སློབ་ཚན་གཙོ་བོ་བོད་ཀྱི་རིག་གནས། འཕྲོད་བསྟེན། ཀུན་སྤྱོད་སློབ་གསོ་སོགས་རིག་རྩལ་བྱེད་སྒོ་མང་དག་ཅིག་བཀོད་སྒྲིག་བྱེད་ཀྱི་ཡོད།

དབྱར་གསེང་གི་བྱུང་རབས། དབྱར་གསེང་འདི་ནི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་༢༠༡༠ལོ་ནས་འགོ་འཛུགས་ཞུས་ཡོད་པ་དང་།༢༠༡༤ལོ་ནས་བྷེལ་ཇམ་ཡུལ་མི་བོད་ཀྱི་གྲོགས་པོ་དྷོ་མེ་ནིག་ལགས་(རང་མདངས) ཀྱིས་རྒྱབ་སྐྱོར་འོག་བཀོད་སྒྲིག་བྱས་པ་ཡིན། ད་ལོ་ཕྱི་ཟླ་༨པའི་ཚེས་༤ནས་༠༩བར་བཀོད་སྒྲིག་བྱེད་ཀྱི་ཡོད།

གྲུབ་འབྲས། འདས་པའི་ལོ་༡༠ ཡི་རིང་ལ་དབྱར་གསེང་བཀོད་སྒྲིག་བྱས་པར་མཉམ་ཞུགས་བྱུང་བའི་ན་གཞོན་རྣམས་ལ་སློབ་གསོ་དང་།སྤྱི་ཚོགས་མཉམ་ཞུགས། རིག་གནས་གོ་རྟོགས་སོགས་ཕྱོགས་མང་པོ་ནས་ཕན་ཐོག་བླ་མེད་ཐོབ་པར་མང་ཚོགས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད།

འཛུལ་ཞུགས་ཆ་རྐྱེན། འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་མ་རང་ལོ་༧ ཡན་དང་དམིགས་བསལ་བྷེལ་ཇམ་ཕྱི་ལོག་ནས་ཡིན་ན་སྐབས་ཐོག་འགན་འཛིན་རྣམས་ལ་འབྲེལ་བ་བྱས་ནས་ཐག་གཅོག་བྱ་རྒྱུ།

རེ་སྐུལ། དེ་ན་ཁྱེད་ཀྱི་བུ་ཕྲུག་ལ་ཡང་གོ་སྐབས་དེ་ཐོབ་ཀྱི་ཡོད་པས་ཅེས་ཀྱང་སོ་སོའི་བུ་ཕྲུག་ལ་མི་རིགས་ཀྱི་དགོས་ངེས་སློབ་གསོའི་གོ་སྐབས་དེ་ལེན་རྒྱུ་མ་བརྗེད་པ་གནང་རོགས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།