སློབ་མ་གསར་བསྡུའི་གསལ་བསྒྲགས།

༄༅། །བྷེལ་ཇམ་གནས་སྡོད་བོད་རིགས་ཕ་མ་ཡོངས་ལ་ཞུ་རྒྱུ།
ལོ་ལྟར་ཕྱི་ཟླ་༠༩ པར་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ལོ་རེའི་སློབ་འགོ་འཛུགས་ཀྱི་ཡོད་པ་དང་། དེའི་སྔོན་ལ་སློབ་མ་གསར་བསྡུ་བྱེད་ཀྱི་ཡོད་པས། སོ་སོའི་བུ་ཕྲུག་གཟའ་འཇུག་བོད་ཡིག་འཛིན་གྲྭར་གཏོང་འདོད་ཡོད་མཁན་རྣམས་ཀྱིས། གཤམ་འཁོད་ས་གནས་སོ་སོའི་འབྲེལ་ཡོད་ས་གནས་འགན་འཛིན་རྣམས་ལ་དེ་རིང་ནས་འབྲེལ་བ་གནང་རོགས། ང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་འདོད་ཡོད་མཁན་བུ་ཕྲུག ལོ་གསུམ་དང་ཕྱེད་ལོན་པ་ཡན་ བསྡུ་བཞིན་ཡོད་པ་བཅས་དགོངས་འཇགས་ཞུ། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ཡོད་མཁན་རྣམས་ཀྱིས་ས་གནས་སོ་སོའི་འགན་འཛིན་ལ་འབྲེལ་བ་གནང་རོགས།

  1. ཨན་ཐྲ་ཝེར་པེན། གསུང་རབས། ༠༤༨༧ ༤༢ ༧༡ ༧༢
  2. བྷུ་རུ་སལ། སྐལ་བཟང་རྒྱལ། ༠༤༨༦ ༦༧ ༦༣ ༣༤
  3. ཨོ་སུ་ཏན་ཏེ། བསྟན་འཛིན་མཁའ་འགྲོ། ༠༤༨༤ ༦༧ ༩༡ ༨༠
  4. ལུའུ་ཝེན། བསྟན་འཛིན། ༠༤༨༥ ༧༨ ༦༨ ༨༨
  5. སྦུ་རོའུ་རྗེ། ཕུན་ཚོགས་རྣམ་རྒྱལ། ༠༤༨༤ ༡༧ ༢༩ ༢༣
  6. གྷེན་ཐྲུ། དཀོན་མཆོག ༠༤༦༥ ༤༥ ༢༧ ༢༥

ཐུགས་གནང་། ས་གནས་ཨན་ཐྲ་ཝེར་པེན་འཇམ་དབྱངས་བློབ་འཕེལ་སློབ་གྲྭ་ལ་སློབ་མ་མང་སོང་བ་དང་སློབ་ཁང་གི་དཀའ་ངལ་ཡོད་པས་ ལོ་བཞི་དང་ཕྱེད་ལོན་པ་ཡན་ མ་གཏོགས་བསྡུ་ཐུབ་ཀྱི་མེད།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནས ༢༠༢༢ ཟླ ༠༨ ཚེས་ ༠༩ ཉིན།།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།