དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཀྱི་ཉིན་དང་པོ།


དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་། ༢༠༢༢ ཕྱི་ཟླ་ ༠༧ པའི་ཚེས་ ༤ ཉིན་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་༡༡ པ་གཏོང་མགོ་བཙུགས་ཡོད་པ་རེད། ད་ལོ་ཟླ་༠༧ པའི་ཚེས་ ༠༤ ནས་ཚེས་ ༡༡ བར་དབྱར་གསང་གཏོང་རྒྱུ་རེད། ད་ལོའི་དབྱར་གསེང་ལ་སློབ་ཕྲུག་ ༡༡༣ མཉམ་ཞུགས་བྱས་འདུག དབྱར་གསེང་སྐབས་སློབ་མ་རྣམས་ཀྱི་དབྱར་ཁའི་གུང་སེང་གི་སྤྲོ་སྐྱིད་གཏོང་གི་ཡོད་རེད། ད་དུང་བོད་ཀྱི་ཆོས་དང་རིག་གནས་སྐོར་ཀྱི་སློབ་ཚན་ཡང་ཡོད་རེད། དཔེར་ན་ནང་ཆོས་ངོ་སྤྲོད། ཕྱག་འཚལ་སྟངས་དང་། སྐོར་བ་བྱེད་སྟངས། སྒོམ་རྒྱག་སྟངས། བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་དང་། བོད་ཀྱི་དགོན་པ་དང་ཕོ་བྲང་གྲགས་ཅན་སོགས་ཀྱང་ངོ་སྤྲོད་བྱེད་ཀྱི་ཡོད་རེད།
དབྱར་གསེང་གཏོང་ས་ར་ཉག་དཔལ་སྤྲུལ་རིན་པོ་ཆེའི་ཆོས་ཚོགས་རྫོག་ཆེན་འོག་མིན་ཆོས་ཀྱི་གྲོང་ཁྱེར་རེད། ཆོས་ཚོགས་ཀྱི་ངོས་ནས་སྡོད་གནས་དང་ཆུ་དང་གློག་སོགས་མཐུན་རྐྱེན་ཧ་ཅང་མང་པོ་ཞིག་གནང་གི་ཡོད་རེད། དེ་བཞིན་དུ་ཨ་རི་བོད་ཀྱི་ཐེབ་རྩ་དང་། བྷེལ་ཇམ་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་བཅས་ཀྱིས་ཀྱང་རྒྱབ་སྐྱོར་གནང་གི་ཡོད་རེད། གཙོ་བོ་སློབ་ཕྲུག་གི་ཕ་མ་རྣམས་ཀྱིས་དབྱར་གསེང་གི་འགྲོ་སོང་དང་མཐུན་རྐྱེན་གནང་གི་ཡོད་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།