༄༅། །ཕྱི་ལོ ༢༠༢༣ ཟླ ༢ པའི་ཚེས ༥ ཉིན། རྒྱུན་ལས་ཀྱི་གྲོས་ཆོད་དགོངས་དོན་བཞིན་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་དང་། སྤྱི་ཁྱབ་འགན་འཛིན་གཞོན་པ་རྡོ་རྗེ་སྐྱབས་གཉིས་གཙོས་དཔལ་འབྱོར་འགན་འཛིན་སྐལ་བཟང་། ཨན་ཐྲུ་ཝེར་པན་ས་གནས་འགན་འཛིན་གསུང་རབ། ཨོ་སུ་ཏན་ཏེ་འགན་འཛིན་མཁའ་འགྲོ། གཉེར་བ་ངག་དབང་དཔལ་ལྡན། སྦུ་རོའུ་རྗེ་འགན་འཛིན་ཕུན་ཚོགས་རྣམ་རྒྱལ་བཅས་ཀྱིས ༢༠༢༣ ལོའི་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དབྱར་གསེང་རིག་གཞུང་ཟབ་སྦྱོང་ཐེངས ༡༢ པའི་སྐོར་གྱི་གྲོས་བསྡུར་ཚོགས་འདུ་ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ལ་འཚོག་ཐོག་དབྱར་གསེང་རིག་གཞུང་ཟབ་སྦྱོང་ཐེངས ༡༢ པའི་སྐོར་གྱི་ལས་དོན་བྱེད་ཕྱོགས་སྐོར་གྲོས་ཆོད་གཏན་འབེབས་དང་ལས་དོན་ཚགས་ཚུད་ཡོང་ཆེད་ལས་བགོས་ཡང་གཏན་ཁེལ་བྱས་ནས་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་ཡོད།
ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་ཆུང་གི་ཚོགས་གཙོའི་འགན་ཁུར་ཐོག་དབྱར་གསེང་རིག་གཞུང་ཟབ་སྦྱོང་ཚོགས་འདུ་ལ་ཕ་མ་རྣམ་པས་བཟའ་བཏུང་རིགས་གོ་སྒྲིག་གནང་བར་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་རྒྱུན་ལས་ཡོངས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ





