སྐབས་དང་པོའི་འཛིན་གྲྭ་བརྒྱད་པའི་མཐར་ཕྱིན་སློབ་མ་རྒྱ་གར་ཟབ་སྦྱོང་ལ་ཁྲིད་རྒྱུ།

༄། །བཀུར་འོས་སྐབས་དང་པོའི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་སློབ་མའི་ཕ་མ་ལྷན་རྒྱས་ཀྱི་དྲུང་དུ་
ཆེད་ཞུ།
བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་༢༠༢༠ ལོའི་རྒྱུན་ལས་ལྷན་ཚོགས་སྐབས། འཇམ་དབྱངས་བློ་འཕེལ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་པའི་སློབ་མ་རྣམས་ལ་བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་གལ་ཆེའི་ཚོགས་པ་སྡེ་ཚན་ཁག་ངོ་སྤྲོད་དང་འབྲེལ། ༸གོང་ས་མཆོག་གིས་དབུས་པའི་མི་རབས་རྒན་པ་དག་གིས་བོད་དོན་འཐབ་རྩོད་ཇི་ལྟར་གནང་བ་དང་། མ་འོངས་པར་བོད་མི་རབས་གསར་པས་བོད་ཀྱི་རྩ་དོན་འཐབ་རྩོད་དང་འབྲེལ་བའི་མི་རིགས་ལ་འགན་ཁུར་ཅི་ལྟར་གནང་དགོས་པའི་སྐོར་སོགས་ཀྱི་ཟབ་སྦྱོང་ཞིག་སྤྲོད་འཆར་ཡིན་ནའང་། ནད་ཡམས་ཀྱི་དབང་གིས་ད་བར་ལས་དོན་དེ་ཕྱིར་འགྱང་མི་བྱེད་ཐབས་མེད་བྱུང་།
ད་ལོ་བསྐྱར་དུ་ལས་དོན་དེ་འགོ་འཛུགས་ཀྱིས་༢༠༢༣ ལོའི་ཕྱི་ཟླ་ ༧ པའི་ནང་ཉིན་༢༠ ཙམ་གྱི་རིང་ལ་མཐར་ཕྱིན་སློབ་མ་༡༧ རྡ་སར་ཟབ་སྦྱོང་ལ་ཁྲིད་རྒྱུའི་ལས་རིམ་བསྒྲིགས་ཡོད། ཟབ་སྦྱོང་ལ་ཞུགས་མཁན་སློབ་མའམ་ནང་མིའི་ངོས་ནས་བྷེལ་ཇམ་དང་ལྡི་བར་ཕན་ཚུན་གྱི་གནམ་གྲུའི་འཛིན་བྱང་གི་རིན་པ་ཙམ་ལས་གཞན་འགྲོ་སོང་གཏོང་མི་དགོས།
ཟབ་སྦྱོང་དེར་གཏོང་ཐུབ་ཀྱི་འདུག་དང་མི་འདུག་ང་ཚོར་༢༠༢༢ ཟླ་ ༡༢ ཚེས་ ༣༠ ནང་ཚུད་ལན་གསལ་པོ་ཞིག་གནང་རོགས་ཞུ།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནས།

ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༧ ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།