གསལ་བསྒྲགས།

བོད་མིའི་སྒྲིག་འཛུགས་མ་ལག་དང་བཅས་པའི་བྱུང་རབས་དང་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་ལས་རིམ་ནང་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར། ད་དུང་སློབ་མ་ལྔ་ནས་དྲུག་གི་བར་བསྡུ་ལེན་བྱེད་ཀྱི་ཡོད།

བསྡུ་ལེན་བྱ་རྒྱུའི་སློབ་མའི་ཆ་རྐྱེན།
 འཛིན་གྲྭ་ལྔ་པ་དང་དྲུག་པའི་སློབ་མ་ལོ་༡༦ ནས་ཡིན།
 མ་འོངས་པར་སློབ་གྲྭ་ནས་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་རྒྱུའི་ཁེ་ལེན་ཡོད་པ་ཞིག་དགོས།
 གལ་ཏེ་འཛིན་གྲྭ་བརྒྱད་པ་མཐར་མ་ཕྱིན་པར་སློབ་གྲྭ་ནས་ཐོན་དགོས་བྱུང་ན། ཟབ་སྦྱོང་སྐབས་ཆོས་རིག་འཛིན་སྐྱོང་ཁང་གིས་བཏང་བའི་འགྲོ་སོང་མི་རེར་གང་ཐོབ་པ་དེ་ཕྱིར་སློག་དགོས་ཡོད།
སློབ་མ་བསྡུ་རྒྱུའི་དུས་ཚོད།
༢༠༢༣ ཕྱི་ཟླ་ ༠༢ ཚེས་ ༡༥ ཉིན་གྱི་ཞོགས་པའི་ཆུ་ཚོད་༦ པ་ནས་ ཚེས་ ༡༦ ཞོགས་པའི་ཆུ་ཚོད་༦ བར་མིང་ཐོ་འབྱོར་རིམ་ལྟར་ལེན་རྒྱུ་ཡིན། ཚེས་ ༡༥ ཆུ་ཚོད་ཞོགས་པའི་ཆུ་ཚོད་ ༠༦ སྔོན་ལ་མིང་ཐོ་བྱུང་བ་བརྩི་རྒྱུ་མིན།
མིང་ཐོ་སྐུར་ས་རྡོ་རྗེ་སྐྱབས་ཡིན།
རྡོ་རྗེ་སྐྱབས་ཀྱི་ WhatsApp ལ་འབྲེལ་བ་བྱ་དགོས་ཡོད། 0483440388

བྷེལ་ཇམབ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་ནས།
ཕྱི་ ༢༠༢༣ ཟླ་ ༠༢ ཚེས་ ༠༦ ཉིན།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།