ཨོ་སུ་ཏན་དུ་ཕ་མའི་ཚོགས་འདུ།

༄༅། །བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ས་གནས་ཨོ་སུ་ཏན་ཏེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ་ཕྱི་ལོ ༢༠༢༣ ཟླ་བ ༠༥ ཚེས་པ ༠༧ རེས་གཟའ་ཉི་མའི་ཉིན། སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས་དང་། དཔལ་འབྱོར་འགན་འཛིན་སྐལ་བཟང་ལགས། དབྱར་གསེང་སྤྱིའི་འགན་ཁུར་བ་སྦུ་རོའུ་རྗེ་ས་གནས་འགན་འཛིན་ཕུན་ཚོགས་རྣམ་རྒྱལ་ལགས། དྲུང་ཆེ་བསོད་ནམས་ཉི་མ་ལགས། ཨོ་སུ་ཏན་ཏེ་ས་གནས་འགན་འཛིན་བསྟན་འཛིན་མཁའ་འགྲོ་ལགས་གཙོས་ཨོ་སུ་ཏན་ཏེ་ཕ་མའི་ཚོགས་ཆུང་གི་ཚོགས་ཚོགས་གཞོན། ཕ་མ་རྣམ་པ་མཉམ་ཞུགས་ཐོག་ལས་དོན་བྱེད་ཕྱོགས་ཀྱི་གླེང་གཞི།  ༡ འཇམ་དབྱངས་བློ་འཕེལ་སློབ་གྲྭའི་བྱུང་རིམ་དང་གནས་སྟངས་ངོ་སྤྲོད། ༢ ཕ་མའི་སྒྲིག་གཞི་བསྐྱར་བཅོས། ༣ དབྱར་གསེང་རིག་གཞུང་ངོ་སྤྲོད། ༤ ཕ་མའི་ཚོགས་གཙོ་འདེམས་པ། ༥ དྲི་བ་དྲིས་ལན་བཅས་རྒྱལ་ཁའི་ངང་ཕ་མའི་ཚོགས་འདུ་གྲོལ་སོང་།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།