སྦུ་རོའུ་རྗེ་ཕ་མའི་ཚོགས་འདུ།

༄༅། །བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ས་གནས་སྦུ་རོའུ་རྗེ་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་ཕ་མའི་ཚོགས་འདུ་ཕྱི་ལོ ༢༠༢༣ ཟླ་བ ༠༤ ཚེས་པ ༣༠ རེས་གཟའ་ཉི་མའི་ཉིན། ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ལགས་དང་། དབྱར་གསེང་འགན་ཁུར་བ་བྷུ་རུ་སལ་ས་གནས་འགན་འཛིན་སྐལ་བཟང་རྒྱལ་ལགས། སྦུ་རོའུ་རྗེ་ས་གནས་འགན་འཛིན། སྦུ་རོའུ་རྗེ་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་སྨོན་ལམ་གྲགས་པ་ལགས་གཙོས་ཕ་མ་རྣམ་པ་ལྷན་རྒྱས་་མཉམ་ཞུགས་ཐོག་ལས་དོན་བྱེད་ཕྱོགས་ཀྱི་བརྗོད་གཞི ༡ཕ་མའི་ཚོགས་གཙོ་འོས་འདེམས། ༢དབྱར་གསེང་རིག་གཞུང་ངོ་སྤྲོད། ༣དམིགས་བསལ་བསམ་ཚུལ། ༤ཕ་མའི་སྒྲིག་གཞི་བསྐྱར་བཅོས་དགོས་མིན། ༥འཁྲབ་ཆས་སྐོར། ༦བརྙན་འཕྲིན་སྡེ་ཚན་དང་། པར་ཆས་སྐོར། ༧དྲི་བ་དྲིས་ལན་བཅས་བརྗོད་དོན་ཚགས་ཚུད་ཐོག་ཕ་མའི་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་དང་ཉིན་རྒྱབ་ས་གནས་མི་མང་སྐོངས་ཚོགས་ཐོག་སྤྱི་ནོར ྋ གོང་ས་ཡིད་བཞིན་ནོར་བུ་མཆོག་གི་ཞབས་རིམ་གསོག་སྒྲུབ་གནང་སོང།
ས་གནས་གསར་འགོད་པ་བསྟན་འཛིན་གཡུ་སྒྲོན་དང་བསོད་ནམས་དཔལ་འབྱོར་གཉིས་ཀྱིས། ཕྱི་ལོ ༢༠༢༣།༠༤།༣༠ལ

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།