Search

༼བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དགེ་རྒན་ལྷན་ཚོགས་ཐེངས་བཞི་བ་ཚོགས་འདུག༽

སྤྱི་ལོ་ ༢༠༢༦ ཟླ་༡༡ པའི་ཚེས་༡༥ ཉིན། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་དགེ་རྒན་ལྷན་ཚོགས་ཐེངས་བཞི་བ་དེ་བྷུ་རུ་སལ་འཇམ་དབྱངས་སློབ་གྲྭའི་སློབ་གྲྭ་རུ་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཤེས་ཡོན་འགན་འཛིན་བཀྲ་ཤིས་བདེ་ལེགས་ཀྱིས་ཚོགས་འདུའི་དམིགས་ཡུལ་དང་བརྗོད་གཞི་ཁག་ངོ་སྤྲོད་གནང་། སྤྱི་ཁྱབ་འགན་འཛིན་འཇིགས་མེད་ཀྱིས་དགེ་རྒན་ལྷན་ཚོགས་ཀྱི་བྱུང་རབས་ཁག་ངོ་སྤྲོད་དང་དམིགས་བསལ་༧ གོང་ས་མཆོག་ལ་མཇལ་བཅར་སྐབས་བཀའ་སློབ་ཟབ་མོ་ཕེབས་ཡོད་པའི་སྐོར་ངོ་སྤྲོད་གནང་། སློབ་སྟོན་པ་བློ་བཟང་དབང་འདུས་དང་ལྷག་པ་ཚེ་རིང་གཉིས་ཀྱིས་ལྷན་ཚོགས་ཚད་ལྡན་ཡོང་བའི་ལམ་སྟོན་གསུང་བཤད་གནང་། དེའི་རྗེས་ས་གནས་ཁག་གི་སྐུ་ཚབ་རྣམ་པས་ཚོགས་ཆུང་ཆ་བགོས་ཀྱིས་ཁྲིད་བྱའི་སློབ་དེབ་ད་ལྟའི་སློབ་ཕྲུག་ལ་འཚམ་མིན་དང་བསྒྱུར་བཅོས་དགོས་མིན། ཐ་སྙད་དང་དག་ཡིག རྒྱུགས་ཤོག ནང་སྦྱོང་སོགས་ལེགས་བཅོས་དགོས་མིན་གྱི་བརྗོད་གཞི་ཁག་ལ་བགྲོ་གླེང་ལྷུག་པོ་བྱས་རྗེས་གྲུབ་དོན་སྒྲོགས་སྦྱོང་གནང་། མཇུག་མཐར་སྤྱི་མོས་དགོངས་ཚུལ་ཁག་ཅིག་གཏན་འབེབས་གནང་སྟེ་འགན་འཛིན་ལྷན་ཚོགས་སུ་སྙན་གསེང་འབུལ་རྒྱུ་ཐག་གཅོད་བྱུང་སོང་། ཐེངས་འདིའི་དགེ་རྒན་ལྷན་ཚོགས་སྟེང་བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ས་གནས་ཁག་ལྔ་ཡི་དགེ་རྒན་སྐུ་ཚབ་དང་ལས་བྱེད་ ༢༩ ཙམ་མཉམ་ཞུགས་གནང་འདུག

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།