བོད་རབ་གནས་ཆུ་ཡོས་ལོའི་ལོ་གསར་དགོང་ཚོགས།

བྷེལ་ཇམ་གྱི་གྲོང་ཁྱེར་ཨོ་སུ་ཏན་ཏེ་དང་སྦུ་རོའུ་རྗེ་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭ་ཁག་གཉིས་ཀྱིས་གོ་སྒྲིག་བྱས་སྟེ། བོད་རབ་གནས་ཆུ་ཡོས་ལོའི་ལོ་གསར་དགོང་ཚོགས་ཤིག་འཚོགས་ཡོད་པ་རེད། དགོང་ཚོགས་དེའི་མདོ་འཛིན་པ་དང་འཁྲབ་སྟོན་པ་ཚང་མ་གཙོ་བོ་སློབ་ཕྲུག་རྣམས་ཀྱིས་བྱས།
སྤྱིར་བཏང་ལོ་ལྟར་ཨོ་སུ་ཏན་ཏེ་ནས་ལོ་གསར་དགོང་ཚོགས་གྲོ་སྒྲིག་བྱེད་ཀྱི་ཡོད་པ་རེད་ལ། ལོ་གསར་དགོང་ཚོགས་དེ་གོ་སྒྲིག་བྱ་དགོས་དོན་ནི། བོད་ཀྱི་ན་གཞོན་རྣམས་ལ་བོད་ཀྱི་ལོ་གསར་རིག་གནས་ངོ་སྤྲོད་བྱེད་ཐབས་ཤིག་དང་། བོད་ཀྱི་གླུ་བྲོའི་རིག་གནས་རྒྱུད་འཛིན་ཡོང་ཐབས་བཅས་ཀྱི་གོ་སྐབས་སམ། གར་སྟེགས་སྐྲུན་ཡག་གི་ཆེད་དུ་རེད། བྱས་ཙང་། བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་ལོ་གསར་དགོང་ཚོགས་འདི་དང་། དེ་བཞིན་བོད་ཀྱི་དུས་ཆེན་ཁག་སྲུང་བརྩི་བྱ་རྒྱུ་ནི། བྷེལ་ཇམ་ནང་སྐྱེས་ནས་འཚར་ལོངའ་འབྱུང་བཞིན་པའི་ན་གཞོན་བྱིས་པ་རྣམས་ལ། བོད་ཀྱི་ཡུལ་སྲོལ་གོམ་གཤིས་དང་ཆ་ལུགས། ཆོས་གོས་སོགས་སྲོལ་རྒྱུན་རིག་གནས་ཀྱི་སྐོར་མི་ཉམ་རྒྱུད་འཛིན་ཡོང་ཐབས་ཀྱི་ཆེད་དུ་ཡིན་པས། ཧ་ཅང་གལ་ཆེན་པོ་བརྩི་བཞིན་ཡོད་པ་རེད།
ས་གནས་ཨོ་སུ་ཏན་ཏེ་འཇམ་དབྱངས་བློ་འཕེལ་སློབ་གྲྭར་སློབ་མ་༦༥ དང་སྦུ་རོའུ་རྗེ་ལ་སློབ་མ་ ༢༤ ཡོད་པ་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།