གལ་ཆེའི་གསལ་བསྒྲགས ༢ པ།

བྷེལ་ཇམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་གིས་བཀོད་སྒྲིག་འོག་བོད་རྒྱལ་ལོ  ༢༡༥༠ ལོར་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས ༡༢ པ་ཕྱི་ལོ ༢༠༢༣ ཟླ་བ་ ༧ ཚེས་པ ༡༠ ནས་ཚེས་  ༡༧ བར་རྫོགས་ཆེན་འོག་མིན་ཆོས་ཀྱི་གྲོང་ཁྱེར་དུ་ཉིན་བརྒྱད་ཀྱི་རིང་འཚོག་གཏན་འཁེལ་བའི་གསལ་བསྒྲགས་སྔོན་སོང་ལྟར། རྒྱལ་ཁབ་ཕྱི་ལོགས་ནས་བོད་རིགས་སློབ་ཕྲུག་མཉམ་ཞུགས་བྱེད་མཁན་ཡོད་ཚེ་ལོ་བརྒྱད་ནས་བཅོ་ལྔ་བར་གྱི་སློབ་ཕྲུག་ཕེབས་ཆོག  ཡིན་ཡང་ཕ་མ་མཉམ་ཞུགས་བྱེད་མི་ཆོག   སློབ་མའི་འགྲོ་གྲོན་འདི་གའི་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་སློབ་ཕྲུག་རྣམས་དང་གཅིག་མཚུངས་དང།      རེས་གཟའ་སྤེན་པའི་ཉིན་སྔར་བཞིན་ང་ཚོས་དམིགས་བསལ་ཕ་མའི་ཉིན་མོ་ཞེས་པའི་ལས་རིམ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པས། འབྲེལ་ཡོད་ཕ་མ་ཕེབས་ཐུབ་མཁན་ཡོད་ཚེ་རེས་གཟའ་སྤེན་པའི་ཉིན་ཕེབས་དགོས།   འགྲིམ་འགྲུལ་འགྲོ་སོང་སོ་སོས་གཏོང་དགོས་པ་ལས་སྐབས་དེར་སྡོད་གནས་དང་བཟའ་བཏུང་ཚོགས་པས་གོ་སྒྲིག་ཡོད།   ཉལ་སའི་གླ་དོད་དུ་ཞག་གཅིག་ལ་ཡོ་སྒོར ༢༠ རེ་ཕུལ་དགོས། ཞིབ་ཕྲའི་དབྱར་གསེང་སྐོར་གསལ་བཤད་རྒྱས་པ་རིམ་པར་ཞུ་ཆོག་པ་དང་ཟུར་གསལ་ཕྱོགས་སྟོན་ས་བཀྲ་བཅས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན།