ཕྱི་ཟླ་༡༠་པའི་ཚེས་༤ ཉིན། ལོའུ་ཝེན་ས་གནས་འཇམ་དབྱངས་བློ་འཕེལ་སློབ་གྲྭའི་དགེ་སློབ་དང་ཕ་མ་ཚོ་མཉམ་རུབ་ཀྱིས་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་སྲུང་བརྩི་བྱས་ཡོད་པ་དང་། ཉིན་དེར་སློབ་ཕྲུག་རྣམས་ལ་བོད་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་པ་ངོ་སྤྲོད་དང་། ལྷག་པར་དུ་བོད་སྐད་བཤད་རྒྱུ་དང་བོད་ཆས་གྱོན་རྒྱུ། བོད་ཟས་ཟ་རྒྱུ་གལ་ཆེན་ཡིན་ཚུལ་ངོ་སྤྲོད་བྱས། དམིགས་བསལ་མཆོད་པ་ཕུལ་སྟངས་དང་རྩམ་པ་བརྫི་སྟངས། གྲོ་མ་འབྲས་སིལ་སྐོར་བཅས་ངོ་སྤྲོད་བྱས། མཐར་ཡིག་གཟུགས་འགྲན་བསྡུར་བཅས་ཀྱི་བྱེད་སྒོ་སྤེལ་ཏེ་སློབ་ཕྲུག་ཚོར་བྱ་དགའི་རྔན་པ་སྤྲད་ཡོད་པ་བཅས།



